བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ།

  • Home
  • India
  • Varanasi
  • བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ།

བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ། བོད་མདོ་དབུས་མདོ་སྒང་གི་གནའ་རྫས་རྟོག་སྐོར་གྱི་གླེང་སྟེགས། དེ་འབྲེལ་གྱི་ཡིག་རིགས་སོགས་འགོད་ཆོག

ཤོན་གྱི་ལྡེབས་རིས། Wall Painting of Shonགུ་གེ Guge Ngari
07/08/2024

ཤོན་གྱི་ལྡེབས་རིས།
Wall Painting of Shon

གུ་གེ Guge
Ngari

བྲག་བརྐོས་རི་མོ།
22/11/2023

བྲག་བརྐོས་རི་མོ།

01/01/2019
བཙན་པོ་དྲན་གླུ། སྔོན་ཆད་ཧི་མ་རི་བོའི་ཕ་རོལ་དུ།།རུས་པ་གནམ་ལས་བྱུང་བའི་བཙན་པོ་ཞིག།སྤུ་རྒྱལ་ཐོག་མ་མཛད་ཅིང་རྨུ་ཐག་ལས།།སླར་ཡང...
26/04/2017

བཙན་པོ་དྲན་གླུ།

སྔོན་ཆད་ཧི་མ་རི་བོའི་ཕ་རོལ་དུ།།
རུས་པ་གནམ་ལས་བྱུང་བའི་བཙན་པོ་ཞིག།
སྤུ་རྒྱལ་ཐོག་མ་མཛད་ཅིང་རྨུ་ཐག་ལས།།
སླར་ཡང་ནམ་མཁར་འཕགས་པའི་གཏམ་རྒྱུད་གྲགས།།
དེ་ནས་བཟུང་སྟེ་བཙན་པོའི་མུ་ཁྱུད་ཀྱི།།
རྒྱལ་རྒྱུད་བྱུང་ཞིང་མཐའ་བཞིར་སྙན་པ་ཐོབ།།
བཙན་པོའི་དཔུང་དམག་འཕྱོ་བའི་ངར་ཤུགས་ཀྱི།།
དུས་རབས་མང་པོའི་སང་རས་རེ་རེ་བཞིན།།
ཕྱེས་པས་ཁྱེད་གདོང་རེས་གསལ་རེས་མོག་བྱེད།།
ཡ་གི་ཞང་ཞུང་དབང་དུ་བསྡུས་པ་དང་།།
མ་གི་འཇང་ཡུལ་ཆམ་ལ་ཕབ་པ་ཡི།།
རབ་ཏུ་འཕྱོ་བའི་བཙན་པོའི་དམག་ཤུགས་རླབས།།
དར་གོས་ཚོང་ལམ་མཐའ་མཚམས་ཅི་འགར་བསྐྱོམ།།
བྲུ་ཤ་འ་ཞ་བྷལ་ཏི་ཐོ་སྐོར་སོགས།།
ཤར་གྱི་རྒྱལ་ཕྲན་རེ་རེར་དམག་སྟོབས་ཀྱིས།།
དབང་དུ་བསྡུས་བའི་གདོང་དམར་དཔའ་རྟུལ་ཚོ།།
གྷི་རིག་ཨག་ལེ་ཟན་ཏར་ཡིན་ནམ་སྙམ།།
ཤར་ཕྱོགས་མ་ཧཱ་ཙི་ནའི་རྒྱལ་ས་དང་།།
ལྷོ་ཕྱོགས་རྒྱ་གར་བྷང་གྷང་རྒྱ་མཚོའི་ཟུར།།
ནུབ་ཕྱོགས་ཏ་ཟིག་ཡུལ་གྱི་ས་དཀྱིལ་དང་།།
བྱང་ཕྱོགས་དྲུ་གུ་ལི་ཡུལ་ལ་སོགས་ནས།།
ཐུ་བྷོད་དམག་རྟའི་རྨིག་སྒྲས་སྙིང་རྩ་བཀད།།
འདོ་ཀོ་བསམ་ན་ཁྱེད་ཀྱི་མངའ་ཐང་དེ།།
སོག་པོ་ཇང་གར་རྒྱལ་པོའི་དོ་ཟླར་མཉམ།།
རྒྱལ་ཕྲན་མང་པོ་ཁྱུར་མིད་བཏང་བའི་ལས།།
རྒྱ་ནག་གོང་མ་ཁྲི་ལས་ཕབ་པའི་རྒྱུ།།
འཕགས་ཡུལ་དམག་དཔུང་སྐེ་བྲེགས་བགྱིས་པའི་ཚུལ།།
མཐའ་དག་བསྡོངས་བའི་ལས་ཀྱི་རྣམ་སྨིན་དག།
མི་རབས་འདི་ལ་འཁོར་རམ་ཕྱག་མོ་ཉུག།
འགྱུར་བག་དུས་ཀྱི་ལོ་ཟླའི་འཁོར་འགྲོས་ན།།
རང་གི་ངོ་བོ་བོར་ཞིང་རང་ཚུགས་དང་།།
རྐང་ལམ་བརླག་པའི་བཙན་པོའི་བུ་རྒྱུད་ཚོ།།
མི་ཡུལ་འགྲིམ་དུས་ནང་སེམས་རབ་ཏུ་འཁྱགས།།
མཐོ་སྒང་བོད་ནས་འཚར་ཞིང་བོད་ཆུ་འཐུང་།།
བོད་ལྭ་གྱོན་ཡང་བོད་ཀྱི་བཙན་པོའི་ཁྲག།
ལུས་ལ་རྒྱུ་བའི་མཚན་མ་ཡོད་དམ་སྙམ།།
དེ་ལྟར་བསམ་གྱིན་འདི་ལྟར་གཞན་ཡུལ་དུ།།
བཙན་པོའི་བ་དན་དགུང་ལ་ཟུག་པ་ཡི།།
ཆེ་བ་ཅུང་ཟད་ཚོར་བའི་གཏིང་ནས་ཐལ།།

—སྤྱི་ལོ་༢༠༡༧ ལོའི་ཟླ་ ༤ བའི་ཚེས་༢༤ ཞེས་པ་འདི་ཉིད་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ་གྲགས་པའི་ཡུལ་དུ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ལྗོངས་རྒྱུ་བ་ཞིག་གིས་བཙན་པོའི་མངའ་ཐང་དྲན་བཞིན་ཤར་མར་སྦྱར་བ་དགེ་ལེགས་འཕེལ་ལོ།།

Address

Varanasi

Website

Alerts

Be the first to know and let us send you an email when བོད་ཀྱི་གནའ་རྫས་རྟོག་ཞིབ་རིག་པ། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share